牛牛在线工具

拿日雍措 - 歌词大全

856,550 条歌词资料,支持按歌名、歌手检索与随机阅读。

支持按歌名或歌手检索,歌词排版与版本可能存在差异。

拿日雍措

旦增塔青

歌手(原记录)
旦增塔青
ན་ར་གཡུ་མཚོ་དང་ང། ཚིག བསྟན་འཛིན་མཐར་ཕྱིན། གདངས། བསྟན་འཛིན་མཐར་ཕྱིན། གཞས་པ། བསྟན་འཛིན་མཐར་ཕྱིན། ཁྱེད་ནི་ནམ་མཁའ་ནས་ལྷུང་བའི་མིག་ཆུ་ཐིགས་པ་གཅིག ང་ནི་ཐག་རིང་ནས་ཡོང་བའི་མ་བསྡད་མགྲོན་པོ་ཞིག རྩ་བ་མེད་པའི་རླུང་དང་འདྲ། ཕྱོགས་བཞི་ཁྱིམ་དུ་འཛིན། ནམ་ཡང་ཁ་ཕྱོགས་མེད་པར། ཐག་རིང་གི་ཕྱོགས་སུ་ཐོན། ཁྱེད་ཀྱིས་གསན་རོགས་གནང་དང་། བུ་ངའི་སྐོར་གྱི་ཡོད་ཚད། ཁྱེད་དང་མཉམ་དུ་དགའ། བུ་ང་ཁྱེད་དང་མཉམ་དུ་སྐྱོ། ཁྱེད་ཀྱིས་གསན་རོགས་གནང་དང་། བུ་ངའི་སྐོར་གྱི་ཡོད་ཚད། ཁྱེད་དང་མཉམ་དུ་དར། བུ་ང་ཁྱེད་དང་མཉམ་དུ་རྒུད། ཁྱེད་ནི་ནམ་མཁའ་ནས་ལྷུང་བའི་ཁ་བའི་མེ་ཏོག་གཅིག ང་ནི་རང་ཡུལ་ནས་ཡོང་བའི་གཞན་ཡུལ་གྱི་འཁྱམ་པོ་ཞིག ཆགས་ཡུལ་མེད་པའི་སྤྲིན་དང་འདྲ། ཕུགས་བསམ་རྒྱབ་ཏུ་འཁུར། རེ་བ་དང་བློ་ཕམ་དཀྱིལ་དུ། གནམ་སའི་མཐའ་རུ་སྨྱོ། ཁྱེད་ཀྱིས་གསན་རོགས་གནང་དང་། བུ་ངའི་སྐོར་གྱི་ཡོད་ཚད། ཁྱེད་དང་མཉམ་དུ་དགའ། བུ་ང་ཁྱེད་དང་མཉམ་དུ་སྐྱོ། ཁྱེད་ཀྱིས་གསན་རོགས་གནང་དང་། བུ་ངའི་སྐོར་གྱི་ཡོད་ཚད། ཁྱེད་དང་མཉམ་དུ་བཞད། བུ་ང་ཁྱེད་དང་མཉམ་དུ་ཟད། ཁྱེད་དང་མཉམ་དུ་བཞད། བུ་ང་ཁྱེད་དང་མཉམ་དུ་ཟད།