牛牛在线工具

故乡拉萨 - 歌词大全

856,550 条歌词资料,支持按歌名、歌手检索与随机阅读。

支持按歌名或歌手检索,歌词排版与版本可能存在差异。

故乡拉萨

其米卓嘎

歌手(原记录)
其米卓嘎
作词 : 热西•嘎玛桑登 作曲 : 德吉 ཕ་ཡུལ་ལྷ་ས། ལེན་མཁན། འཆི་མེད་སྒྲོལ་དཀར། འཛམ་གིླང་ས་ཡི་ཡང་རྩེ། ། གནས་ས་ཀུན་གི་གནས་མཆོག ། སྐྱེ་འགྲོ་ཡོངས་ཀྱི་སྨོན་ས། ། ལྷ་ས་ལྷ་ཡི་ལུང་པ། ། སྟེང་ནས་ཉི་གུར་ཕུབ་ཡོད། ། འོག་ནས་མཚོ་མོས་བཀྱག་ཡོད། ། ཨ་ཅག་སེམས་པ་བཟང་པོ། ། ཇོ་ཇོ་ཞལ་ས་ཡག་པ། ། གནས་མཆོག་ཕ་ཡུལ། ལྷ་ས་མཛེས་སྡུག་ལྡན། བརྗིད་ཆགས་ལ་ནི་ཡིད་འོང་ཕོ་བྲང་པོ་ཏྭ་ལ། རིན་ཆེན་ནོར་བུས་བརྒྱན་པའི་གཙུག་རྒྱན་ཡིན། འཇིག་རྟེན་འདི་ལ་སྒྲོན་པའི་གཙུག་རྒྱན་ཡིན། བཀྲ་ལ་ཤིས་པའི་གླུ་དབྱངས་ལེན། བཀྲ་ལ་ཤིས་པའི་གླུ་དབྱངས་ལེན། གངས་ལྗོངས་ས་ཡི་དཀིལ་འཁོར། ། མཆོད་རྟེན་ཡོང་གི་རྟེན་ས་། ། དད་ལྡན་ཡོངས་ཀི་སྨོན་ས། ། ལྷ་ས་ལྷ་ཡི་ལུང་པ། ། མཐའ་ནས་གངས་རིས་བསྐོར་ཡོད། ། དབུས་ནས་ཕོ་བྲང་བཞེངས་ཡོད། ། བུ་མོ་བསོད་ནམས་ཆེ་བས་། ། ཚེ་འདི་བསྐོས་སོང་། ། མཐའ་ནས་གངས་རིས་བསྐོར་ཡོད། དབུས་ནས་ཕོ་བྲང་བཞེངས་ཡོད། ། བུ་མོ་བསོད་བདེ་ཆེ་བས་། ། ཚེ་འདི་ལྷ་ས་བསྐོས་སོང་། །མཐའ་ནས་གངས་རི་བཀོད་ཡོད། བུ་མོ་བསོད་ནམས་ཆེ་བས་། ། ཚེ་འདི་ལྷ་ས་བསྐོས་སོང་། །བུ་མོ་བསོད་ནམས་ཆེ་བའི། ཚེ་འདི་ལྷ་ས་བསྐོས་སོང་། ། དྲ་ཐོག་སྒྲིག་བཟོ། མཐོ་སྒང་གི་དབྱངས་རྟ།