牛牛在线工具

大地经幡 - 歌词大全

856,550 条歌词资料,支持按歌名、歌手检索与随机阅读。

支持按歌名或歌手检索,歌词排版与版本可能存在差异。

大地经幡

仁增卓玛

歌手(原记录)
仁增卓玛
作词 : 日当呷扎 作曲 : 佐庆丹真 བསིལ་རླུང་ཤག་ཤག་དགུང་ལ་སྟོད་དུས། སྤྲིན་པ་སྨུག་པོ་མཁའ་ནས་དྭངས་སོང་། དྭངས་བ་དེ་དང་མཉམ་དུ། རི་བོའི་རྩེ་ལ་བཞུགས་པའི། གཟུངས་ཀྱི་དར་ལྕོག་འཇའ་མས། སྨོན་ལམ་རླུང་ལ་དཔར་ཡོད། རླུང་བུ་ཡར་ལ་གཤེགས་པ། ལྷ་ཡུལ་གོང་ལ་གཤེགས་ཡོད། དག་པ་སེམས་ཀྱི་སྐྱབས་འཇུག ལྷ་ཕྲུག་ཐུགས་ལ་ཕབ་ཡོད། ལྷ་མི་རྡོ་རྗེའི་དམ་ཚིག ཉི་མའི་འོད་ལ་བསྲེས་ཡོད། ཉི་འོད་ས་ལ་བྱོ་སོང་། ས་ཡི་སྲིད་པ་དར་སོང་། ཆར་བ་ཟིམ་ཟིམ་ཞོལ་ལ་འཐོར་དུས། ན་བུན་སྐྱ་བོ་ས་ནས་དྭངས་སོང་། དྭངས་བ་དེ་དང་མཉམ་དུ། མཚོ་མོའི་སྟོད་ལ་བཞུགས་པའི། གཟུངས་ཀྱི་དར་ལྕོག་འཇའ་མས། སྨོན་ལམ་ཆར་ལ་དཔར་ཡོད། ཆར་ཆུ་མར་ལ་གཤེགས་པ། ཀླུ་ཡུལ་ཤོད་ལ་གཤེགས་ཡོད། དག་པ་སེམས་ཀྱི་སྐྱབས་འཇུག ཀླུ་ཕྲུག་ཐུགས་ལ་ཕབ་ཡོད། ཀླུ་མི་རྡོ་རྗེའི་དམ་ཚིག ཟླ་བའི་འོད་ལ་བསྲེས་ཡོད། ཟླ་འོད་ས་ལ་བྱོ་སོང་། ས་ཡི་སྲིད་པ་དར་སོང་། ཀླུ་མི་རྡོ་རྗེའི་དམ་ཚིག ཟླ་བའི་འོད་ལ་བསྲེས་ཡོད། ཟླ་འོད་ས་ལ་བྱོ་སོང་། ས་ཡི་སྲིད་པ་དར་སོང་། ས་ཡི་སྲིད་པ་དར་སོང་།