牛牛在线工具

雪域仙女情(Cover:兰卡措) - 歌词大全

856,550 条歌词资料,支持按歌名、歌手检索与随机阅读。

支持按歌名或歌手检索,歌词排版与版本可能存在差异。

雪域仙女情(Cover:兰卡措)

索秀次仁尼玛

歌手(原记录)
索秀次仁尼玛
作词 : 兰卡措 作曲 : 兰卡措 དུང་སེམས་འོ་མའི་མདངས་ལྟར་དཀར་བའི་རི་སྒང་མེ་ཏོག་ལ། ཨ་་་་་་ཡེ། བརྩེ་བ་ཚིག་གི་འདབ་མ་བྱེ་ནས་ཡིད་འོང་བུ་མོ་ལ། ང་ཡི་སེམས་པ་ཁྱེད་ལ་འཁྲེང་ན། དགའ་མཐུན་ལས་དབང་མཁའ་རུ་འཕུར་འགྲོ། བརྩེ་བ་རྟག་བརྟན་ཡོད་བའི་སྨོན་ལམ་ཞུ། འོ་འོ་འོ་་་་་འོ་འོ་འོ། ཡེ་ཡེ་ཡེ་་་་་ཡེ་ཡེ་ཡེ། བརྩེ་བ་རྟག་བརྟན་ཡོད་བའི་སྨོན་ལམ་ཞུ། འཛུམ་པའི་ཞལ་ཉམས་གདོང་ལས་གྲོལ་བའི་ཡིད་འོང་བུ་མོ་ལ། ཨ་་་་་་ཡེ། དུང་བརྩེ་ཟབ་མོ་སེམས་ལ་བཟུང་ནས་ཚེ་གྲོགས་བློ་ལ་འཁོར། གངས་ཀྱི་ལྷ་མོ་ཁྱེད་ལ་འཁྲེང་ན། གཏན་དུ་མི་འགྱུར་དམ་བཅའ་བཞག་འགྲོ། མཛའ་མཐུན་སྐྱིད་མཐའ་རིང་བའི་སྨོན་ལམ་ཞུ། འོ་འོ་འོ་་་་་འོ་འོ་འོ། ཡེ་ཡེ་ཡེ་་་་་ཡེ་ཡེ་ཡེ། མཛའ་མཐུན་སྐྱིད་མཐའ་རིང་བའི་སྨོན་ལམ་ཞུ། ཧེ། རེད། རེད་ཡ། ངས་ཁྱོད་ཟེར་ཡ། རང་གི་སེམས་ལ་ཡོད་པའི་བུ་ཆུང་ལགས། བུ་མོ་ང་ཡི་སེམས་པ་ཁྱོད་ལ་ཤོར་སོང་། ཧེ། ཁྱོད་ལ་དགའ་བའི་བུ་མོ་ང་ཡིས། རེད། རེད། བརྩེ་བའི་གླུ་ཆུང་སྙན་མོ་འདི་ཁྱོད་ལ་ལེན་འགྲོ། འོ་འོ་འོ་་་་་འོ་འོ་འོ། ཡེ་ཡེ་ཡེ་་་་་ཡེ་ཡེ་ཡེ། མཛའ་མཐུན་སྐྱིད་མཐའ་རིང་བའི་སྨོན་ལམ་ཞུ། མཛའ་མཐུན་སྐྱིད་མཐའ་རིང་བའི་སྨོན་ལམ་ཞུ།