牛牛在线工具

快回来 - 歌词大全

856,550 条歌词资料,支持按歌名、歌手检索与随机阅读。

支持按歌名或歌手检索,歌词排版与版本可能存在差异。

快回来

扎囊旦巴次仁

歌手(原记录)
扎囊旦巴次仁
作曲 : 民间 作词 : 益丹平措 མགྱོགས་ཙམ་ལོག་ཕེབས་དང་། གཞས་པ། ཡིད་བརྟན་ཕུན་ཚོགས། མཚན་མོའི་ཆུ་འགྲམ་འགྲམ་དུ། བུ་ང་རང་གཅིག་པུར་ལུས་ནས་འདུག མཚན་མོའི་ནམ་མཁར་བལྟས་ནས། སྙིང་སྡུག་ཁྱེད་རང་དྲན་གྱི། ཁྱེད་རང་ད་ལྟ་གང་ན་བཞུགས་ཡོད། རྒྱང་རིང་དུ་ཡོད་པའི་ཁྱེད་རང་། ཁྱེད་ག་དུས་ང་ཡི་གམ་དུ་ཕེབས། སྔོན་མ་ང་གཉིས་བསྡད་ས། གྲང་སིལ་སིལ་མཚོ་མོའི་འགྲམ། ངས་མེ་ཏོག་འཁྱེར་ནས་ཁྱེད་སྒུག་ཡོད། བུ་ང་ཡི་སྙིང་སྡུག་མཛེས་མ། ཁྱེད་རང་ཁྱེད་ག་དུས་ང་ཡི་གམ་དུ་ཕེབས། ང་དགའ་དུས་ཁྱེད་རང་དྲན། ང་སྡུག་དུས་ཁྱེད་རང་དྲན། དུས་ནམ་ཡང་ཁྱེད་ལས་དྲན་པ་སུ་ཡང་མེད། བུ་ང་ཡི་སྙིང་སྡུག་མཛེས་མ། ཁྱེད་རང་ཁྱེད་མགྱོགས་ཙམ་ང་ཡི་འགྲམ་དུ་ཕེབས། ང་དེ་འདྲའི་སྐྱོ་བ་ལ། ཁྱེད་མགྱོགས་ཙམ་ཕེབས་ན་བསམ། དུས་ནམ་ཡང་ཁྱེད་ལས་དྲན་པ་སུ་ཡང་མེད། ཁྱེད་མགྱོགས་ཙམ་ལོག་ཕེབས་དང་། གླུ་གཞས་གསན་པར་ཐུགས་རྗེ་ཆེ། མཚན་མོའི་ཆུ་འགྲམ་འགྲམ་དུ། བུ་ང་རང་གཅིག་པུར་ལུས་ནས་འདུག མཚན་མོའི་ནམ་མཁར་བལྟས་ནས། སྙིང་སྡུག་ཁྱེད་རང་དྲན་གྱི། ཁྱེད་རང་ད་ལྟ་གང་ན་བཞུགས་ཡོད། རྒྱང་རིང་དུ་ཡོད་པའི་ཁྱེད་རང་། ཁྱེད་ག་དུས་ང་ཡི་གམ་དུ་ཕེབས། སྔོན་མ་ང་གཉིས་བསྡད་ས། གྲང་སིལ་སིལ་མཚོ་མོའི་འགྲམ། ངས་མེ་ཏོག་འཁྱེར་ནས་ཁྱེད་སྒུག་ཡོད། བུ་ང་ཡི་སྙིང་སྡུག་མཛེས་མ། ཁྱེད་རང་ཁྱེད་ག་དུས་ང་ཡི་གམ་དུ་ཕེབས། ང་དགའ་དུས་ཁྱེད་རང་དྲན། ང་སྡུག་དུས་ཁྱེད་རང་དྲན། དུས་ནམ་ཡང་ཁྱེད་ལས་དྲན་པ་སུ་ཡང་མེད། བུ་ང་ཡི་སྙིང་སྡུག་མཛེས་མ། ཁྱེད་རང་ཁྱེད་མགྱོགས་ཙམ་ང་ཡི་འགྲམ་དུ་ཕེབས། ང་དེ་འདྲའི་སྐྱོ་བ་ལ། ཁྱེད་མགྱོགས་ཙམ་ཕེབས་ན་བསམ། དུས་ནམ་ཡང་ཁྱེད་ལས་དྲན་པ་སུ་ཡང་མེད། བུ་ང་ཡི་སྙིང་སྡུག་མཛེས་མ། ཁྱེད་རང་ཁྱེད་ག་དུས་ང་ཡི་གམ་དུ་ཕེབས། ང་དགའ་དུས་ཁྱེད་རང་དྲན། ང་སྡུག་དུས་ཁྱེད་རང་དྲན། དུས་ནམ་ཡང་ཁྱེད་ལས་དྲན་པ་སུ་ཡང་མེད། བུ་ང་ཡི་སྙིང་སྡུག་མཛེས་མ། ཁྱེད་རང་ཁྱེད་མགྱོགས་ཙམ་ང་ཡི་འགྲམ་དུ་ཕེབས། ང་དེ་འདྲའི་སྐྱོ་བ་ལ། ཁྱེད་མགྱོགས་ཙམ་ཕེབས་ན་བསམ། དུས་ནམ་ཡང་ཁྱེད་ལས་དྲན་པ་སུ་ཡང་མེད། ཁྱེད་མགྱོགས་ཙམ་ལོག་ཕེབས་དང་།