牛牛在线工具

心声 - 歌词大全

856,550 条歌词资料,支持按歌名、歌手检索与随机阅读。

支持按歌名或歌手检索,歌词排版与版本可能存在差异。

心声

霍尔仓拉浪措

歌手(原记录)
霍尔仓拉浪措
作词 : 夏多仁桑 作曲 : 桑赛目 དེ་རིང་བཀྲ་ཤིས་ཉི་ཟླ་དགུང་ནས་ཤར།། ཉི་ཟླ་ལྷན་འཛོམས་བྱུང་བར་རྟེན་འབྲེལ་ཞུ།། དེ་རིང་སེམས་ཀྱི་མགྲོན་པོར་མཆོད་ཆང་འབུལ།། ཆོལ་གསུམ་ལྷན་དུ་འཛོམས་པར་རྟེན་འབྲེལ་ཞུ།། (སོ་ཡ་ལ་ཡ་ལ། ཡ་ལ་སོ།) དེ་རིང་སེམས་ཀྱི་མགྲོན་པོར་མཆོད་ཆང་འབུལ།། ཆོལ་གསུམ་ལྷན་དུ་འཛོམས་པར་རྟེན་འབྲེལ་ཞུ།། ~ དེ་རིང་གཞིས་ར་སྙན་མོའི་གླུ་སྐད་འདི།། ཡ་ཆུང་སེམས་ནས་ཕུལ་བའི་ལྷ་དར་ཡིན།། དེ་རིང་འཛུམ་གྱིས་བཞེངས་པའི་སྐོར་བྲོ་འདི།། སེམས་པ་ཕྱི་ནང་མཐུན་པའི་རྟགས་མཚན་ཡིན།། (སོ་ཡ་ལ་ཡ་ལ། ཡ་ལ་སོ།) དེ་རིང་འཛུམ་གྱིས་བཞེངས་པའི་སྐོར་བྲོ་འདི།། སེམས་པ་ཕྱི་ནང་མཐུན་པའི་རྟགས་མཚོན་ཡིན།། ~ རྨ་ཆེན་གངས་རིའི་འདབས་ཀྱི་འབོད་སྒྲ་འདི།། ས་མཐའི་སྤུན་ཟླ་གླེང་བའི་གཏམ་རྒྱུད་ཡིན།། གཞིས་བྱེས་ལྷན་དུ་འཛོམས་པའི་ཉིན་མོ་ལ།། སྤུན་ཟླ་ཚང་མས་བཀྲ་ཤིས་བདེ་ལེགས་ཞུ།། (སོ་ཡ་ལ་ཡ་ལ། ཡ་ལ་སོ།) གཞིས་བྱེས་ལྷན་དུ་འཛོམས་པའི་ཉིན་མོ་ལ།། སྤུན་ཟླ་ཚང་མས་བཀྲ་ཤིས་བདེ་ལེགས་ཞུ།། (སོ་ཡ་ལ་ཡ་ལ། ཡ་ལ་སོ།) གཞིས་བྱེས་ལྷན་དུ་འཛོམས་པའི་ཉིན་མོ་ལ།། སྤུན་ཟླ་ཚང་མས་བཀྲ་ཤིས་བདེ་ལེགས་ཞུ།། གཞིས་བྱེས་ལྷན་དུ་འཛོམས་པའི་ཉིན་མོ་ལ།། སྤུན་ཟླ་ཚང་མས་བཀྲ་ཤིས་བདེ་ལེགས་ཞུ།། ~