牛牛在线工具

一刀两断 - 歌词大全

856,550 条歌词资料,支持按歌名、歌手检索与随机阅读。

支持按歌名或歌手检索,歌词排版与版本可能存在差异。

一刀两断

白玛旦增

歌手(原记录)
白玛旦增
一刀两断 - 白玛旦增 词:白玛旦增 曲:白玛旦增 ཤ་ཁག་ཁག གྲི་སོ་སོ། ཚིག་གདངས་ལེན་མཁན། པདྨ་བསྟན་འཛིན། ཁོང་གི་སྐད་ཆ་སྙན་པོས། ཁྱེད་ཀྱི་སེམས་པ་བསླུ་དུས། བུ་ངའི་ཤ་ཚའི་སྙིང་གཏམ། ཁ་ཡ་བྱེད་མཁན་མིན་འདུག ཁྱེད་ལ་དགོས་པའི་བདེ་སྐྱིད། བུ་ངའི་ལུས་ལ་མེད་ན། ཁྱེད་རང་ཁོང་དང་ཐད་ཀྱང་། བཀག་དབང་ང་ལ་མིན་འདུག ཁྱེད་ལ་ཁྱེད་ཀྱི་འོད་ཟེར་སྟོང་ལྡན་གྱི་ལམ་ཡོད། བུ་ང་ལ་རང་གི་རྐང་ལམ་ཕྲ་མོ་ཡོད། ད་ཆ་སོ་སོོའི་ལམ་དེ་སོ་སོས་འགྲོ་དགོས་དུས། ཤ་ཁག་ཁག་གྲི་སོ་སོ་བྱེད་རྒྱུ་རེད། ཁོང་གི་མོ་ཊ་རྫིག་པོས། ཁྱེད་རང་འཁྲིད་ནས་འགྲོ་དུས། བུ་ངའི་ལྷམ་མཐིལ་ཟད་འཕྲོ། འགྲོ་རོགས་མེད་པར་ལུས་སོང་། ཁྱེད་ལ་དགོས་པའི་བདེ་སྐྱིད། བུ་ངའི་ལུས་ལ་མེད་ན། ཁྱེད་རང་ཁོང་དང་ཐད་ཀྱང་། བཀག་དབང་ང་ལ་མིན་འདུག ཁྱེད་ལ་ཁྱེད་ཀྱི་འོད་ཟེར་སྟོང་ལྡན་གྱི་ལམ་ཡོད། བུ་ང་ལ་རང་གི་རྐང་ལམ་ཕྲ་མོ་ཡོད། ད་ཆ་སོ་སོོའི་ལམ་དེ་སོ་སོས་འགྲོ་དགོས་དུས། ཤ་ཁག་ཁག་གྲི་སོ་སོ་བྱེད་རྒྱུ་རེད། ཁྱེད་ལ་ཁྱེད་ཀྱི་འོད་ཟེར་སྟོང་ལྡན་གྱི་ལམ་ཡོད། བུ་ང་ལ་རང་གི་རྐང་ལམ་ཕྲ་མོ་ཡོད། ད་ཆ་སོ་སོོའི་ལམ་དེ་སོ་སོས་འགྲོ་དགོས་དུས། ཤ་ཁག་ཁག་གྲི་སོ་སོ་བྱེད་རྒྱུ་རེད། རྒྱུ་དང་དབང་གིས་བསླུས་པའི། དེང་སང་སྤྱི་ཚོགས་འདིའི་ནང་། ལྷད་མེད་བརྩེ་དུང་ཟེར་བ། གསེར་དང་དངུལ་ལས་དཀོན་པ། ཁྱེད་ལ་དགོས་པའི་བདེ་སྐྱིད། ཁེ་གྲགས་གཏམ་གསུམ་ཡིན་ན། ཁྱེད་རང་ཕེབས་དགོས་ཟེར་ཡང་། བཀག་དབང་ང་ལ་མིན་འདུག ཁྱེད་ཀྱིས་གདམ་པའི་ལམ་ལ། ཁྱེད་ལ་བདེ་སྐྱིད་ཡོང་བར་ཤོག