牛牛在线工具

走 - 歌词大全

856,550 条歌词资料,支持按歌名、歌手检索与随机阅读。

支持按歌名或歌手检索,歌词排版与版本可能存在差异。

走

索南曲珍

歌手(原记录)
索南曲珍
作词 : 曼拉杰甫 作曲 : 民间 གླུའཇོག་མཁན།སྙན་བཟང་རིན་ཆེན། 上传人:念藏仁青 དཔྱིད་གསུམ་གྱི་རླུང་བུས་རི་ལུང་ལ་གོས་ལྗང་བཏང་ན། བསྭོ་ཡ་ལ། ང་ཚོས་ཁྲ་ཚོམ་མེ་ཏོག་གི་ཆུན་པོ་འཐུ་ཞིང་འགྲོ། ང་ཚོས་ཁྲ་ཚོམ་མེ་ཏོག་གི་ཆུན་པོ་འཐུ་ཞིང་འགྲོ། དབྱར་གསུམ་གྱི་ཆར་བས་རྩི་ཏོག་གི་རྐང་བ་བཀྲུས་ན། བསྭོ་ཡ་ལ། ང་ཚོས་ལྷ་བྱ་ཁུ་བྱུག་གི་གསུང་ལ་ཉན་ཞིང་འགྲོ། ང་ཚོས་ལྷ་བྱ་ཁུ་བྱུག་གི་གསུང་ལ་ཉན་ཞིང་འགྲོ། སྟོན་གསུམ་གྱི་སྤྲིན་པས་འབྲུ་ཞིང་ལ་བསིལ་བ་གནང་ན། བསྭོ་ཡ་ལ། ང་ཚོས་སེར་བོ་གསེར་མདོག་གི་གླུ་ཆུང་ལེན་ཞིང་འགྲོ། ང་ཚོས་སེར་བོ་གསེར་མདོག་གི་གླུ་ཆུང་ལེན་ཞིང་འགྲོ། དགུན་གསུམ་གྱི་ཁ་བས་ལ་ཐང་ལ་གོས་དཀར་བྱུགས་ན། བསྭོ་ཡ་ལ། ང་ཚོས་དམར་པོ་མེ་དཔུང་གི་སྙན་ངག་འབྲི་ཞིང་འགྲོ། ང་ཚོས་དམར་པོ་མེ་དཔུང་གི་སྙན་ངག་འབྲི་ཞིང་འགྲོ། ང་ཚོས་དམར་པོ་མེ་དཔུང་གི་སྙན་ངག་འབྲི་ཞིང་འགྲོ།