牛牛在线工具

玫瑰花 - 歌词大全

856,550 条歌词资料,支持按歌名、歌手检索与随机阅读。

支持按歌名或歌手检索,歌词排版与版本可能存在差异。

玫瑰花

白玛旺扎

歌手(原记录)
白玛旺扎
作词 : 次旺罗布 作曲 : 次旺罗布 རྒྱ་སེ་མེ་ཏོག ཚིག་གདངས།  ཚེ་དབང་ནོར་བུ། གཞས་པ། པད་མ་དབང་གྲགས། འགྲེམས་སྤེལ། ཀོ་ཀི་ལ་སྒྲ་དབྱངས་ལས་ཤག དུས་ཚོད་ཀྱང་མང་པོ་ཞིག་ཕྱིན་སོང་། ཁྱེད་ཀྱི་གནས་ཚུལ་ནི་གོ་ཡས་མིན་འདུག སྙིང་གཏམ་ཚིག་གཅིག་གཉིས་ཅིག་བཤད་བསམ་ཀྱང་། ཁྱེད་རང་མཇལ་ཡ་གི་གོ་སྐབས་མིན་འདུག དུས་ཚོད་ནི་མང་པོ་ཞིག་ཕྱིན་སོང་། རྒྱ་སེ་མེ་ཏོག་གི་འདབ་མ་ས་ལ་ལྷུང་སོང་། ངེད་གཉིས་མཇལ་འཛོམས་ལ་ཡོང་བའི་ཉིན་དེ་ག་དུས་ཡིན། ཐལ་མོ་སྙིང་ཁར་ལ་སྦྱར་ནས་སྨོན་ལམ་འདེབས་ཡོད། མགྱོགས་ནས་མྱུར་དུ་མཇལ་བའི་སྨོན་ལམ་འདེབས་ཡོད། རྒྱ་སེའི་མེ་ཏོག་གི་འདབ་མ་དམར་པོ། དུས་སང་སླར་ཡང་བཞད་སྲིད། ཧོ་་་་་ཡེ་་་་ཡ་ཡེ་ཡས་་་་་་་་་ བུ་ངའི་བརྩེ་སེམས་ནམ་ཡང་འགྱུར་བ་མེད། ཧོ་་་་་ཡེ་་་ཡ་ཡེ་ཡས་་་་་་་་ རྒྱ་སེའི་མེ་ཏོག་སླར་ཡང་བཞད་སྲིད། བོད་གཞས་གསན་པར་ཐུགས་རྗེ་ཆེ། ཟླ་རེ་ནས་ལོ་རེ་ལ་ཕྱིན་སོང་། ད་དུང་སེམས་པའི་ནང་དུ་སྟོང་ལྷང་ལྷང་། དྲན་གདུང་གི་མདུན་པ་དེ་བཀག་བསམ་ཡང་། རྨི་ལམ་ཁྱེད་རང་འཁོར་གི། དུས་ཚོད་ནི་མང་པོ་ཞིག་ཕྱིན་སོང་། རྒྱ་སེ་མེ་ཏོག་གི་འདབ་མ་ས་ལ་ལྷུང་སོང་། ང་གཉིས་མཇལ་འཛོམས་ལ་ཡོང་བའི་ཉིན་དེ་ག་དུས་ཡིན། ཐལ་མོ་སྙིང་ཁར་སྦྱར་ནས་སྨོན་ལམ་འདེབས་ཡོད། མགྱོགས་ནས་མྱུར་དུ་མཇལ་བའི་སྨོན་ལམ་འདེབས་ཡོད། རྒྱ་སེ་མེ་ཏོག་གི་འདབ་མ་དམར་པོ། དུས་སང་སླར་ཡང་བཞད་སྲིད། ཧོ་་་ཡེ་་་་ཡ་ཡེ་ཡས་་་་་་་་་་་ བུ་ངའི་བརྩེ་སེམས་ནམ་ཡང་འགྱུར་བ་མེད། ཧོ་་་ཡེ་་་་་ཡ་ཡེ་ཡས་་་་་་་་ རྒྱ་སེ་མེ་ཏོག་སླར་ཡང་བཞད་སྲིད། ཧོ་་་་ཡེ་་་ཡ་ཡེ་ཡས་་་་་་་་ བུ་ངའི་ལྷད་མེད་བརྩེ་སེམས་འགྱུར་བ་མེད། ཧོ་་་ཡེ་་་་ཡ་ཡེ་ཡས་་་་་་་་་ མགྱོགས་ནས་མྱུར་དུ་ང་གཉིས་མཇལ་སྲིད།