牛牛在线工具

藏族生日歌བོད་ཀྱི་སྐྱེས་སྐར་བསུ་གླུ། - 歌词大全

856,550 条歌词资料,支持按歌名、歌手检索与随机阅读。

支持按歌名或歌手检索,歌词排版与版本可能存在差异。

藏族生日歌བོད་ཀྱི་སྐྱེས་སྐར་བསུ་གླུ།

香巴拉组合

歌手(原记录)
香巴拉组合
词:岗旺 གངས་དབང་།/郑达瓦 ཟླ་བ་ཚེ་རིང་། 曲:登越顿珠དོན་ཡོད་དོན་གྲུབ། བོད་ཀྱི་སྐྱེས་སྐར་བསུ་གླུ། གླུ་ཚིག གངས་དབང་། ཟླ་བ་ཚེ་རིང་། གདངས། དོན་ཡོད་དོན་གྲུབ། གླུ་པ། བོད་ཀྱི་ཕུལ་བྱུང་གླུ་པ་༡༤ཡིས། ས་མཐོན་པོ་ཁ་བའི་ཡུལ་ལ། ལས་བཟང་པོས་མི་ལུས་བླངས་སོང་། ས་མཐོན་པོ་ཁ་བའི་ཡུལ་ལ། ལས་བཟང་པོས་མི་ལུས་བླངས་སོང་། སྐྱེ་ས་ཡག སྐྱེ་ས་ཡག། སྐྱེ་ས་ཡག་མོ་བོད་ལ་སྐྱེས། དར་དཀར་པོས་སྐྱེས་སྐར་བསུ་ན་བཀྲ་ཤིས་ཤོག ལས་བཟང་ངན་འཇིག་རྟེན་འཁོར་བར། ཚེ་འདི་ཕྱིའི་འཁོར་ལོ་བསྐོར་དགོས། ལས་བཟང་ངན་འཇིག་རྟེན་འཁོར་བར། ཚེ་འདི་ཕྱིའི་འཁོར་ལོ་བསྐོར་དགོས། སྐྱེ་ས་ཡག སྐྱེ་ས་ཡག། སྐྱེ་ས་ཡག་མོ་བོད་ལ་སྐྱེས། གླུ་སྙན་མོས་རྟེན་འབྲེལ་བསྒྲིག་ན་དོན་རེ་འགྲུབ། མ་གྱུར་སེམས་ཅན་མཆོག་དམན་ཆེ་ཆུང་ཀུན། ། དབུགས་རྒྱུག་ཚེ་སྲོག་འདི་ལས་གཅེས་པ་ཞིག ། འཇིག་རྟེན་འདི་ན་དངོས་གཞན་ཡོད་མ་ཡིན། ། ཉམས་ཆུང་ང་ལ་གཅེས་པའི་ཚེ་སྲོག་འདི། ། ཕངས་མེད་གནང་མཁན་དྲིན་ཆེན་ཨ་མ་ཡིན། ། དེ་རིང་སྐྱིད་པའི་སྐྱེས་སྐར་ཉིན་མོ་ལ། ། སེམས་ཅན་ཀུན་ལ་གནོད་འཚེ་སྤངས་པ་འདིས། ། ཕ་མ་སེམས་ཅན་སྐུ་ཚེ་རིང་བར་སྨོན། ། ས་མཐོན་པོ་ཁ་བའི་ཡུལ་ལ། ལས་བཟང་པོས་མི་ལུས་བླངས་སོང་། ས་མཐོན་པོ་ཁ་བའི་ཡུལ་ལ། ལས་བཟང་པོས་མི་ལུས་བླངས་སོང་། སྐྱེ་ས་ཡག སྐྱེ་ས་ཡག། སྐྱེ་ས་ཡག་མོ་བོད་ལ་སྐྱེས། དར་དཀར་པོས་སྐྱེས་སྐར་བསུ་ན་བཀྲ་ཤིས་ཤོག ལས་བཟང་ངན་འཇིག་རྟེན་འཁོར་བར། ཚེ་འདི་ཕྱིའི་འཁོར་ལོ་བསྐོར་དགོས། ལས་བཟང་ངན་འཇིག་རྟེན་འཁོར་བར། ཚེ་འདི་ཕྱིའི་འཁོར་ལོ་བསྐོར་དགོས། སྐྱེ་ས་ཡག སྐྱེ་ས་ཡག། སྐྱེ་ས་ཡག་མོ་བོད་ལ་སྐྱེས། གླུ་སྙན་མོས་རྟེན་འབྲེལ་བསྒྲིག་ན་དོན་རེ་འགྲུབ། སྐྱེ་ས་ཡག སྐྱེ་ས་ཡག། སྐྱེ་ས་ཡག་མོ་བོད་ལ་སྐྱེས། དར་དཀར་པོས་སྐྱེས་སྐར་བསུ་ན་བཀྲ་ཤིས་ཤོག དར་དཀར་པོས་སྐྱེས་སྐར་བསུ་ན་བཀྲ་ཤིས་ཤོག