牛牛在线工具

岭•格萨尔 艺人之乡 - 歌词大全

856,550 条歌词资料,支持按歌名、歌手检索与随机阅读。

支持按歌名或歌手检索,歌词排版与版本可能存在差异。

岭•格萨尔 艺人之乡

群星

歌手(原记录)
群星
作词 : 尼玛多吉 作曲 : 拉巴旺堆 གླིང་གེ་སར་སྒྱུ་རྩལ་བའི་ཕ་ཡུལ། ཚིག ཉི་མ་རྡོ་རྗེ། གདངས། ལྷག་པ་དབང་དུས། གཞས་པ། ནོར་བུ་བསམ་གྲུབ། འཛམ་གླིང་ཀུན་དུ་གྲགས་པའི་གླིང་གེ་སར། གླིང་སྒྲུང་སྙན་པོ་ཐོན་པའི་དཔལ་འབར་ཡུལ། གེ་སར་སྒྲུང་པའི་ཡུལ་གྱི་མཚན་བཟང་ལ། གེ་སར་གཏམ་བརྒྱུད་བཤད་སྲོལ་རྒྱ་མཚོ་འཁྱིལ། འཛམ་གླིང་ཀུན་དུ་གྲགས་པའི་གླིང་སྒྲུང་དེ། དཔལ་འབར་བཞིན་དུ་ཁྲི་ལིང་སྐར་མ་འདྲ། ཨེ་མ་སྒྲུང་མཁན་གྲགས་པའི་ཡུལ་དེ་ནས། ངོ་མཚར་གླིང་སྒྲུང་མི་ཡུལ་འདི་ལ་ཕུལ། སྒྲུང་མཁན་དང་པོའི་རྡོ་ཡི་དབུ་ཞྭ། ང་ཡི་མཇལ་བའི་དུས་འདི་ལ། གླུ་ཨ་ལ་ད་ལའི་མགྲིན་དབྱངས་སྙན་པོ། ཡང་ཡང་རྣ་བར་ལྷང་ལྷང་ཐོས། འཛམ་གླིང་ཀུན་དུ་གྲགས་པའི་གླིང་གེ་སར། གླིང་སྒྲུང་སྙན་པོ་ཐོན་པའི་དཔལ་འབར་ཡུལ། གེ་སར་སྒྲུང་པའི་ཡུལ་གྱི་མཚན་བཟང་ལ། གེ་སར་གཏམ་བརྒྱུད་བཤད་སྲོལ་རྒྱ་མཚོ་འཁྱིལ། འཛམ་གླིང་ཀུན་དུ་གྲགས་པའི་གླིང་སྒྲུང་དེ། དཔལ་འབར་བཞིན་དུ་ཁྲི་ལིང་སྐར་མ་འདྲ། ཨེ་མ་སྒྲུང་མཁན་གྲགས་པའི་ཡུལ་དེ་ནས། ངོ་མཚར་གླིང་སྒྲུང་མི་ཡུལ་འདི་ལ་ཕུལ། སྒྲུང་མཁན་དང་པོའི་རྡོ་ཡི་དབུ་ཞྭ། ང་ཡི་མཇལ་བའི་དུས་འདི་ལ། གླུ་ཨ་ལ་ད་ལའི་མགྲིན་དབྱངས་དེ་སྙན། ང་ཡི་རྣ་བར་ལྷང་ལྷང་ཐོས། སྒྲུང་མཁན་དང་པོའི་རྡོ་ཡི་དབུ་ཞྭ། ང་ཡི་མཇལ་བའི་དུས་འདི་ལ། གླུ་ཨ་ལ་ད་ལའི་མགྲིན་དབྱངས་དེ་སྙན། ང་ཡི་རྣ་བར་ལྷང་ལྷང་ཐོས། ང་ཡི་རྣ་བར་ལྷང་ལྷང་ཐོས། 宣发:艺援帮 出品:西藏神奇小子文化传媒